གསར་འགྱུར།
རྩོམ་གསར།
- རང་རྒྱལ་གྱི་གེ་སར་སྒྲུང་གི་བྲོ་གར་ཆེན་མོ་ཐོག་མ་དངོས་སུ་ལེགས་འགྲུབ་བྱུང་བ།
- སྒྲུང་བ་ཟླ་བ་གྲགས་པ།
- མཚོ་སྔོན་ཞིང་ཆེན《གེ་སར་སྒྲུང》མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཟི་ལིང་ནས་བསྡུས།
- སྒྲུང་བ་བསམ་གྲུབ།
- བུད་མེད་སྒྲུང་བ་གཡུ་སྨན།
- མཚོ་ལྷོ་ཁུལ་གྱིས《གེ་སར་སྒྲུང》གི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་པ།
- གླིང་སྒྲུང་ལས་བྱུང་བའི་མདའ་གཞུའི་སྐོར་ལ་དཔྱད་པ།
- མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སྐབས་དང་བོའི་གླིང་སྒྲུང་ཆེད་ལས་ཀྱི་ཞིབ་འཇུག་སློབ་མའི་དཔྱད་རྩོམ་བགྲོ་གླེང་ཟི་ལིང་དུ་བསྡུས་པ།
མདུན་ངོས།-->>གསར་འགྱུར། མཚོ་སྔོན་པོ་རྒྱལ་སྤྱིའི་བྱེ་མའི་བརྐོས་གཟུགས་དང་ས་གཞི་ཆེན་མོའི་སྒྱུ་རྩལ་དུས་ཆེན་གྱི་བརྗོད་དོན་གཏན་འཁེལ་བྱས་པ།
ཀྲུང་གོའི་སྐྱེ་ཁམས་གནས་སྐོར་ལོའི་བྱ་འགུལ་དང་སྐྱེ་ཁམས་མཚོ་སྔོན་པོ་འཛུགས་སྐྲུན་བྱེད་པར་གཞིགས་ཏེ། ༢༠༠༩ལོའི་མཚོ་སྔོན་པོའི་རྒྱལ་སྤྱིའི་བྱེ་མའི་བརྐོས་གཟུགས་དང་ས་གཞི་ཆེན་མོའི་སྒྱུ་རྩལ་དུས་ཆེན་གྱི་བརྗོད་དོན་དེ་ཚེ་སྲོག་དང་རང་བྱུང་ཡིན་པར་དངོས་སུ་གཏན་འཁེལ་བྱས།གཙོ་སྒྲུབ་ཕྱོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་བྱེ་མ་དང་ས་གཞི་ཆེན་མོའི་སྒྱུ་རྩལ་གྱི་དམིགས་བསལ་བྱེད་ཐབས་དང་རྣམ་པ་ལ་གཞིགས་ནས།རྣམ་པ་མི་འདྲ་བའི་སྒོ་ནས་ཚེ་སྲོག་དང་རང་བྱུང་ཁམས་བར་གྱི་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ཆོས་ཉིད་མངོན་པར་མཚོན་ལ། ཚེ་སྲོག་དང་རང་བྱུང་ཁམས།མི་དང་རང་བྱུང་ཁམས་བཅས་འཆམ་མཐུན་གྱི་གནས་དགོས་པའི་བརྗོད་སྙིང་བརྗོད་ནས་མི་རྣམས་ལ་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེ་བའི་དོན་སྙིང་བརྗོད་རྒྱུ་དེ་ཡིན།
འཆར་འགོད་ལ་གཞིགས་ན། ༢༠༠༩ལོའི་མཚོ་སྔོན་པོའི་རྒྱལ་སྤྱིའི་བྱེ་མའི་བརྐོས་གཟུགས་དང་ས་གཞི་ཆེན་མོའི་སྒྱུ་རྩལ་དུས་ཆེན་དེ་ཟླ༦པའི་ཚེས༢༥ཉིན་ནས་ཟླ༡༠བའི་ཚེས༢༥ཉིན་མཚོ་སྔོན་པོའི་བྱེ་མ་ལ་བདུན་མཛེས་ལྗོངས་ཁུལ་ནས་སྤེལ་རྒྱུ་རེད།སྐབས་དེར་བྱེ་མའི་བརྐོས་གཟུགས༤༠དང་ས་གཞི་ཆེན་མོའི་སྒྱུ་རྩལ་གྱི་བརྩམས་ཆོས་ཀྱིས་མཛེས་ལྗོངས་ཁུལ་ལ་མཛེས་ལྗོངས་གསར་བ་ཞིག་བསྣན་ཏེ།བྱེ་མའི་བརྐོས་གཟུགས་དང་ས་གཞི་ཆེན་མོའི་སྒྱུ་རྩལ་གྱི་བརྗོད་དོན་སྤྱི་གླིང་དུ་འགྱུར་ངེས་ལ། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་ནི་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་ཏུ་བསྐྲུན་རྒྱུ་རེད། །
ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།












