གསར་འགྱུར།
རྩོམ་གསར།
- རང་རྒྱལ་གྱི་གེ་སར་སྒྲུང་གི་བྲོ་གར་ཆེན་མོ་ཐོག་མ་དངོས་སུ་ལེགས་འགྲུབ་བྱུང་བ།
- སྒྲུང་བ་ཟླ་བ་གྲགས་པ།
- མཚོ་སྔོན་ཞིང་ཆེན《གེ་སར་སྒྲུང》མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཟི་ལིང་ནས་བསྡུས།
- སྒྲུང་བ་བསམ་གྲུབ།
- བུད་མེད་སྒྲུང་བ་གཡུ་སྨན།
- མཚོ་ལྷོ་ཁུལ་གྱིས《གེ་སར་སྒྲུང》གི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་པ།
- གླིང་སྒྲུང་ལས་བྱུང་བའི་མདའ་གཞུའི་སྐོར་ལ་དཔྱད་པ།
- མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སྐབས་དང་བོའི་གླིང་སྒྲུང་ཆེད་ལས་ཀྱི་ཞིབ་འཇུག་སློབ་མའི་དཔྱད་རྩོམ་བགྲོ་གླེང་ཟི་ལིང་དུ་བསྡུས་པ།
མདུན་ངོས།-->>གསར་འགྱུར། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སྐབས་དང་བོའི་གླིང་སྒྲུང་ཆེད་ལས་ཀྱི་ཞིབ་འཇུག་སློབ་མའི་དཔྱད་རྩོམ་བགྲོ་གླེང་ཟི་ལིང་དུ་བསྡུས་པ།
ཟླ༥བའི་ཚེས༡༧ཉིན་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པའི་སློབ་གླིང་གི་ཞིབ་འཇུག་སློབ་མའི་དཔྱད་རྩོམ་བགྲོ་གླེང་དེ་ཚོ་ཆུང་གསུམ་དུ་བགར་ནས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཁྲིད་ཐོག་དང་པོ་ནས་བསྡུས།

འདི་ནི་གནའ་དེང་རྩོམ་རིག་དང་གླིང་སྒྲུང་བཅས་ཆེད་ལས་ཀྱི་ཚོ་ཆུང་ཡིན་ལ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཆེད་མཁས་པ་དང་སློབ་དཔོན་ཆེན་མོ་བུ་བཞི་དང་། རྣམ་སྲས། རྟ་མགྲིན། གཅོད་པ་དོན་གྲུབ། ཀུན་བཟང་བཅས་ཀྱིས་ཚོ་ཆུང་འདིའི་བགྲོ་གླེང་ཨུ་ཡོན་ལྷན་ཚོགས་གྲུབ་པ་དང་། རྒན་གཡང་བྷ་རྒྱལ་གྱིས་ཚོ་ཆུང་འདིའི་དྲུང་ཡིག་གི་འགན་ཁུར་ཞིང་རྒན་གཅོད་པ་དོན་གྲུབ་ཀྱིས་ཚོ་ཆུང་འདིའི་བགྲོ་གླིང་ལ་འགོ་འཛིན་མཛད།

ཚོ་ཆུང་འདིའི་བགྲོ་གླེང་སྟེང་ཞིབ་འཇུག་སློབ་མ་བརྒྱད་ཞུགས་ཡོད་པ་དང་། དེའི་ཁྲོད་སློབ་མ་གཉིས་ནི་གླིང་སྒྲུང་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་ཡིན་ལ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པའི་སློབ་གླིང་དུ་གླིང་སྒྲུང་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་བསྡུ་བར་འགོ་བརྩམས་པ་ནས་བཟུང་གླིང་སྒྲུང་ཆེད་ལས་ཀྱི་མཐར་ཕྱིན་སློབ་མ་ཐོག་དང་པོ་ཡིན།
ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།












