གསར་འགྱུར།
རྩོམ་གསར།
- རང་རྒྱལ་གྱི་གེ་སར་སྒྲུང་གི་བྲོ་གར་ཆེན་མོ་ཐོག་མ་དངོས་སུ་ལེགས་འགྲུབ་བྱུང་བ།
- སྒྲུང་བ་ཟླ་བ་གྲགས་པ།
- མཚོ་སྔོན་ཞིང་ཆེན《གེ་སར་སྒྲུང》མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཟི་ལིང་ནས་བསྡུས།
- སྒྲུང་བ་བསམ་གྲུབ།
- བུད་མེད་སྒྲུང་བ་གཡུ་སྨན།
- མཚོ་ལྷོ་ཁུལ་གྱིས《གེ་སར་སྒྲུང》གི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་པ།
- གླིང་སྒྲུང་ལས་བྱུང་བའི་མདའ་གཞུའི་སྐོར་ལ་དཔྱད་པ།
- མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སྐབས་དང་བོའི་གླིང་སྒྲུང་ཆེད་ལས་ཀྱི་ཞིབ་འཇུག་སློབ་མའི་དཔྱད་རྩོམ་བགྲོ་གླེང་ཟི་ལིང་དུ་བསྡུས་པ།
མདུན་ངོས།-->>གསར་འགྱུར། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་སློབ་ཁྲིད་ཀྱི་ཞིབ་བསྡུར་ཚོགས་འདུ་སྐབས་བདུན་པ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནས་ཚོགས་པ།

ཟླ་འདིའི་ཚེས་༢༡ཉིན། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་སློབ་ཁྲིད་ཀྱི་ཞིབ་བསྡུར་ཚོགས་འདུ་སྐབས་བདུན་པ་དེ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནས་ཚོགས། གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། ཉིན་གཉིས་ཀྱི་ཞིབ་བསྡུར་ཚོགས་འདུའི་སྟེང་། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་སོ་སོ་ནས་ཡོང་བའི་ཆེད་མཁས་པ་དང་འཐུས་མི་རྣམས་ཀྱིས་མིག་སྔར་མཐོ་རིམ་སློབ་གྲྭའི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་རིག་ཚན་འཛུགས་སྐྲུན་གྱི་ད་ལྟའི་གནས་ཚུལ་དང་འཕེལ་རྒྱས་ཞིབ་འཇུག་སོགས་གཙོ་བོར་བཟུང་སྟེ་གྲོས་བསྡུར་བྱས། དེའི་ནང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་སློབ་དཔོན་ཆེན་མོ་ཚེ་རིང་ཐར་དང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་གླིང་གི་སློབ་དཔོན་ཆེན་མོ་བསམ་གཏན་སོགས་ཆེད་མཁས་པ་བཅུ་བདུན་གྱིས་ཆེད་དམིགས་གཏམ་བཤད་གནང་། ཞིབ་བསྡུར་ཚོགས་འདུའི་སྐབས་སུ། གྲོས་ཞུགས་མི་སྣ་རྣམས་ཀྱིས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་ཡིག་ཆ་ལྟེ་གནས་ལ་ལྟ་སྐོར་བྱས་པ་དང་། བོད་སྐད་ཡིག་སློབ་གསོའི་གནས་ཚུལ་སོགས་ལ་ལྟ་སྦྱོང་བྱས། ཚོགས་འདུ་གྲོལ་རྗེས་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་སློབ་ཁྲིད་ཀྱི་ཞིབ་བསྡུར་ཚོགས་འདུ་སྐབས་བདུན་པའི་ཟིན་བྲིས་གནད་བསྡུས་སྤེལ་བར་མ་ཟད། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་སློབ་ཁྲིད་ཀྱི་ཞིབ་བསྡུར་གྲོས་ཚོགས་སྐབས་བརྒྱད་པ་གཙོ་བསྒྲུབ་བྱེད་པའི་ལས་ཁུངས་དང་དུས་ཚོད། ས་གནས་སོགས་གཏན་འཁེལ་བྱས།
ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།












