གསར་འགྱུར།
རྩོམ་གསར།
- རང་རྒྱལ་གྱི་གེ་སར་སྒྲུང་གི་བྲོ་གར་ཆེན་མོ་ཐོག་མ་དངོས་སུ་ལེགས་འགྲུབ་བྱུང་བ།
- སྒྲུང་བ་ཟླ་བ་གྲགས་པ།
- མཚོ་སྔོན་ཞིང་ཆེན《གེ་སར་སྒྲུང》མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཟི་ལིང་ནས་བསྡུས།
- སྒྲུང་བ་བསམ་གྲུབ།
- བུད་མེད་སྒྲུང་བ་གཡུ་སྨན།
- མཚོ་ལྷོ་ཁུལ་གྱིས《གེ་སར་སྒྲུང》གི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་པ།
- གླིང་སྒྲུང་ལས་བྱུང་བའི་མདའ་གཞུའི་སྐོར་ལ་དཔྱད་པ།
- མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སྐབས་དང་བོའི་གླིང་སྒྲུང་ཆེད་ལས་ཀྱི་ཞིབ་འཇུག་སློབ་མའི་དཔྱད་རྩོམ་བགྲོ་གླེང་ཟི་ལིང་དུ་བསྡུས་པ།
མདུན་ངོས།-->>གསར་འགྱུར། མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་སྐབས་གཉིས་པ་གཟབ་རྒྱས་ངང་ཚོགས་མགོ་བརྩམས་པ།

ཟླ༨པའི་ཚེས་༧ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཀྲུང་གོ་སྙན་ངག་སློབ་ཚོགས་ཀྱིས་མཉམ་དུ་བསྒྲུབས་པའི་མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་སྐབས་གཉིས་པ་མགོ་རྩོམ་པའི་མཛད་སྒོ་དང་མཐོ་རིམ་གླེང་སྟེགས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས།
ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་བེ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་སུང་ཞིག་ཡན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ། ཀྲུང་དབྱང་ཕྱི་ཕྱོགས་དྲིལ་སྒྲོག་གཞུང་སྒྲུབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་བང་ཁྲིན། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ་ལིས་པིན། རིག་གནས་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲའོ་ཧྲོ་ཧྭ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡིི་པུའུ་ཀྲང་ཆུའུ་ཆིན་ཧྲན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་རིན་གཞོན་པ། བོད་ཀྱི་སྙན་ངག་པ་སྐལ་བཟང་རྡོ་རྗེ་བཅས་མཛད་སྒོར་ཞུགས།
ཨ་ཀིན་ཐིན་རྒྱལ་ཁབ་ཀྱི་སྙན་ངག་པ་གྲགས་ཅན་ཧུའུ་ཨན་ཧིར་མན་དང་། ཧྥ་རན་སིའི་སྙན་ངག་པ་ཏིས་ནཱ། དབྱི་ཐ་ལི་རྒྱལ་ཁབ་ཀྱི་སྙན་ངག་པ་ལཱ་ཧྥེ་ལིས་སོགས་རྒྱལ་ཁབ་དང་ས་ཁུལ་ཞེ་བདུན་ནས་ཡོང་བའི་སྙན་ངག་པ་ཉིས་བརྒྱ་ལྷག་གདན་དྲངས་པ་ལྟར་འཛམ་གླིང་རང་བཞིན་གྱི་སྙན་ངག་ཚོགས་འདུ་ཆེན་པོ་དེ་ལ་ཞུགས། ཧྲིན་ཀྲང་གཞོན་པ་ཅི་ཏིས་མཱ་ཅ་ཡིས་མཛད་སྒོར་མགོ་འཛིན་བྱས།
ཧྲིན་ཀྲང་སུང་ཞིག་ཡན་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ་ལིས་པིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ། ཀྲུང་དབྱང་ཕྱི་ཕྱོགས་སྲིད་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་བང་ཁྲིན་བཅས་ཀྱིས་སོ་སོར་ཤིས་ཚིག་ཕུལ།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆང་བེ་དང་། ཧྲིན་ཀྲང་སུང་ཞིག་ཡན། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་པིན། དེ་མིན་འབྲེལ་ཡོད་མགོ་ཁྲིད་པ་དང་སྐུ་མགྲོན་གྱིས་མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་སྐབས་གཉིས་པའི་མཛད་སྒོའི་དར་ཚོན་བཅད།
མཛད་སྒོའི་རྗེས་སུ། གླིང་ཆེན་ལྔའི་རྒྱལ་ཁོངས་མི་གཅིག་པ་ནས་ཡོང་བའི་སྙན་ངག་པ་གྲགས་ཅན་དང་ཀྲུང་གོ་ནང་ལོག་སོགས་ནས་ཡོང་བའི་རྒྱའི་སྙན་ངག་པ་གྲགས་ཅན་རྣམས་ཀྱིས་མཚོ་སྔོན་གྱི་ཡུལ་ལྗོངས་སྐོར་གྱི་དྲིལ་སྒྲོག་བརྙན་འཕྲིན་ལ་བལྟས་པ་མ་ཟད། མཐོ་རིམ་གླེང་སྟེགས་ཀྱི་བགྲོ་གླེང་བརྒྱུད་དེ་སྙན་ངག་གི་དོན་སྙིང་དང་བརྗོད་དོན་འགྲེལ་བརྒྱབ་པ་དང་། ཁོ་ཚོའི་སྙན་ངག་དང་སྤྱི་ཚོགས། རིག་གནས། རང་བྱུང་། འཚོ་བ་བཅས་བར་གྱི་ལྟ་བ་བརྗོད།
ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།












