གསར་འགྱུར།
རྩོམ་གསར།
- རང་རྒྱལ་གྱི་གེ་སར་སྒྲུང་གི་བྲོ་གར་ཆེན་མོ་ཐོག་མ་དངོས་སུ་ལེགས་འགྲུབ་བྱུང་བ།
- སྒྲུང་བ་ཟླ་བ་གྲགས་པ།
- མཚོ་སྔོན་ཞིང་ཆེན《གེ་སར་སྒྲུང》མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཟི་ལིང་ནས་བསྡུས།
- སྒྲུང་བ་བསམ་གྲུབ།
- བུད་མེད་སྒྲུང་བ་གཡུ་སྨན།
- མཚོ་ལྷོ་ཁུལ་གྱིས《གེ་སར་སྒྲུང》གི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་པ།
- གླིང་སྒྲུང་ལས་བྱུང་བའི་མདའ་གཞུའི་སྐོར་ལ་དཔྱད་པ།
- མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སྐབས་དང་བོའི་གླིང་སྒྲུང་ཆེད་ལས་ཀྱི་ཞིབ་འཇུག་སློབ་མའི་དཔྱད་རྩོམ་བགྲོ་གླེང་ཟི་ལིང་དུ་བསྡུས་པ།
མདུན་ངོས།-->>གསར་འགྱུར། མཚོ་སྔོན་ཞིང་ཆེན 《གེ་སར་སྒྲུང 》ཞིབ་འཇུག་ཁང་གི་ཞིབ་འཇུག་པ་བོད་ལྗོངས་ཆབ་མདོ་ས་ཁུལ་ལ་སོང་ནས 《གེ་སར་སྒྲུང 》གི་སྒྲུང་བ་དང་སྒྲུང་དཔེ་དག་ལ་བརྟག་དཔྱད་བྱས།

གེ་སར་སྒྲུང་གི་ཆེད་མཁས་པ་གཅོད་པ་དོན་གྲུབ་ཀྱིས་བརྟག་དཔྱད་བྱེད་བཞིན་པའི་ཚུལ།

གེ་སར་སྒྲུང་གི་ཞིབ་འཇུག་པས་སྒྲུང་བ་ཞིག་ལ་བཅར་འདྲི་བྱེད་བཞིན་པ།
ཉེ་ལམ། མཚོ་སྔོན་ཞིང་ཆེན《གེ་སར་སྒྲུང》ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལྔ་བོད་ལྗོངས་ཆབ་མདོ་ས་ཁུལ་ལ་སོང་ནས། ས་དེའི《གེ་སར་སྒྲུང》གི་སྒྲུང་བ་དང་སྒྲུང་དཔེ་དག་ལ་བརྟག་དཔྱད་བྱས།
ཕྱོགས་
ཡོངས་ནས་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི《གེ་སར་སྒྲུང》གི་སྒྲུང་བའི་གནས་ཚུལ་དང་སྒྲུང་དཔེ་ཁྱབ་ཚུལ་སོགས་ཀྱི་གནས་བབ་ལ་བརྟག་དཔྱད་དང་ངོས་འཛིན་ལེགས་པོ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་གཅོད་པ་དོན་གྲུབ་ཀྱིས་སྣེ་ཁྲིད་དེ། མཚོ་སྔོན་ཞིང་ཆེན《གེ་སར་སྒྲུང》ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལྔ་བོད་ལྗོངས་ཆབ་མདོ་ས་ཁུལ་ལ་སོང་སྟེ་བརྟག་དཔྱད་བྱས། ཐེངས་འདིའི་བརྟག་དཔྱད་བྱ་གཞག་དུས་ཡུན་ཐུང་ནའང་། བརྟག་དཔྱད་ཚན་ཆུང་གི་ཞིབ་འཇུག་པ་ཚོས་དཀའ་སྡུག་ལ་མ་འཛེམ་པར་བོད་ལྗོངས་ལྷོ་ཕྱོགས་མཐའ་ཁུལ་དུ་ཆགས་ཡོད་པའི་ཆབ་མདོ་ས་ཁུལ་ནས《གེ་སར་སྒྲུང》གི་སྒྲུང་བའི་གནས་ཚུལ་དང་སྒྲུང་དཔེ་བཅས་ལ་རྣམ་པ་མི་འདྲ་བའི་སྒོ་ནས་བརྟག་དཔྱད་ཞིབ་འཇུག་བྱས། །
ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།












