གསར་འགྱུར།
རྩོམ་གསར།
- རང་རྒྱལ་གྱི་གེ་སར་སྒྲུང་གི་བྲོ་གར་ཆེན་མོ་ཐོག་མ་དངོས་སུ་ལེགས་འགྲུབ་བྱུང་བ།
- སྒྲུང་བ་ཟླ་བ་གྲགས་པ།
- མཚོ་སྔོན་ཞིང་ཆེན《གེ་སར་སྒྲུང》མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཟི་ལིང་ནས་བསྡུས།
- སྒྲུང་བ་བསམ་གྲུབ།
- བུད་མེད་སྒྲུང་བ་གཡུ་སྨན།
- མཚོ་ལྷོ་ཁུལ་གྱིས《གེ་སར་སྒྲུང》གི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་པ།
- གླིང་སྒྲུང་ལས་བྱུང་བའི་མདའ་གཞུའི་སྐོར་ལ་དཔྱད་པ།
- མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སྐབས་དང་བོའི་གླིང་སྒྲུང་ཆེད་ལས་ཀྱི་ཞིབ་འཇུག་སློབ་མའི་དཔྱད་རྩོམ་བགྲོ་གླེང་ཟི་ལིང་དུ་བསྡུས་པ།
མདུན་ངོས།-->>གསར་འགྱུར། “ཀྲུང་གོའི་གེ་སར་རིག་གནས་ཀྱི་ཕ་ཡུལ ”མགོ་ལོག་ཁུལ་ནས་སྒོ་བྱང་བཀལ།
གནས་འཛོམས་པོ་གླིང་དཀར་སྟོད་ཀྱི་ཡུལ། འབྲུག་ལྷང་ལྷང་ནོར་བུའི་གདན་གྱི་སྟེང་། སྐད་ལྷང་ལྷང་ཁུ་བྱུག་གྲག་པའི་ས། ཞེ་ལྷང་ལྷང་ཅོ་ག་འགྱུར་བའི་གནས། ཟླ༨པའི་ཚེས༡༧ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་སྲིད་དབང་བཙུགས་ནས་ལོ་འཁོར༥༥ལོན་པ་དང་ཀྲུང་གོའི་གེ་སར་རིག་གནས་ཀྱི་ཕ་ཡུལ། ཀྲུང་གོའི་གེ་སར་རིག་གནས་ཞིབ་འཇུག་རྟེན་གཞིའི་སྒོ་བྱང་འགེལ་བའི་དགའ་སྟོན་བྱ་འགུལ་རྟ་བོ་གྲོང་རྡལ་གེ་སར་ཐང་ཆེན་དུ་བསྡུས།
གེ་སར་འཁྲབ་གཞུང《དཔའ་ངར་སྐྱེ་པའི་རྨ་ཡུལ》འཁྲབ་སྟོན་བྱེད་བཞིན་པ།
གངས་ལྗོངས་ཡུལ་གྱི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་སྟེ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་འཛམ་གླིང་སྟེང་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་ཡིན་ལ། གླེགས་བམ་མང་ཞིང་ནང་དོན་ཕུན་སུམ་ཚོགས་པ། མཚན་སྙན་གྱི་བ་དན་སྲིད་རྩེར་གཡོ་བཞིན་པའི་རླབས་ཆེན་གྱི་སྒྲུང་རྩོམ་ཞིག་ཡིན་ལ། དེར་བོད་རིགས་མི་དམངས་ཀྱི་ཁྲོད་དུ་བླ་ན་མ་མཆིས་པའི་གོ་གནས་ལྡན་པར་མ་ཟད། འཛམ་གླིང་སྟེང་གི་རྒྱལ་ཁབ་ཉི་ཤུ་ལྷག་གིས་ཀྱང་གཙིགས་ཆེན་དུ་འཛིན་བཞིན་མཆིས་ལ། ད་དུང་རྒྱལ་ཁབ་མི་ཉུང་ཞིག་གིས་ཆེད་གཉེར་གྱི་ལས་ཁུངས་བཙུགས་ནས་ཆེད་ལས་མཁས་པ་རྣམས་རྩ་འཛུགས་གནང་སྟེ་ལོ་རྒྱུས་ཀྱི་སྙན་རྩོམ་རིང་པོ་འདི་འཚོལ་སྡུད་དང་ཡིག་སྒྱུར། པར་སྐྲུན་ཞིབ་འཇུག་བཅས་བྱེད་བཞིན་ཡོད། མགོ་ལོག་ཁུལ་ལ་གེ་སར་གྱི་ཕ་ཡུལ་ཞེས་པའི་མཚན་སྙན་ཡོད་པ་དང་། ཚང་མས་གླིང་རྗེ་གེ་སར་གྱི་འཁྲུངས་ཡུལ་དང་རྟ་རྒྱུགས་རྒྱལ་འཇོག་གི་གཡང་སར་ཁས་ལེན་བྱེད་བཞིན་ཡོད། དུས་ཡུན་ལོ་ངོ༣༠རིང་། མགོ་ལོག་ཁུལ་གྱིས་གེ་སར་རིག་གནས་མྱུར་སྐྱོབ་དང་སྔོག་འདོན། སྲུང་སྐྱོབ་དང་གསར་སྤེལ་གྱི་ཐད་དུ་གྲུབ་འབྲས་ཆེན་པོ་བླངས།གེ་སར་རིག་གནས་རྒྱུད་འཛིན་དང་དར་སྤེལ་བྱེད་པའི་གོ་རིམ་ཁྲོད། གེ་སར་རིག་གནས་དེ་ཉིན་རེ་ལས་ཉིན་རེར་མགོ་ལོག་ཁུལ་གྱི་རིག་གནས་གནས་སྐོར་ཐོན་ཁུངས་ཀྱི་གལ་ཆེ་བའི་ཆས་རྟགས་སུ་འགྱུར་བཞིན་ཡོད་ལ།ས་ཁུལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དང་།འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་གྱི་ནུས་པ་ཐོན་ཡོད།
གླུ་བ་ཚེ་དབང་གིས་གླུ་དབྱངས་ལེན་བཞིན་པ།
མགོ་ལོག་ཁུལ་ལ་ཕུན་སུམ་ཚོགས་པའི་གེ་སར་རིག་གནས་ཀྱི་ཐོན་ཁུངས་ཡོད་པ་དང་། རྒྱུད་འཛིན་གྱི་རྣམ་པ་དང་རྒྱུད་འཛིན་མཁན་མང་པོ་ལྡན་པས། ཉེ་བའི་ལོ་འགའི་རིང་གེ་སར་རིག་གནས་བྱ་བའི་ཁྲོད་གྲུབ་འབྲས་དགའ་འོས་པ་བླངས་ཤིང་། ཀྲུང་གོ་དམངས་ཁྲོད་སྒྱུ་རྩལ་པའི་མཐུན་ཚོགས་ཀྱིས་མགོ་ལོག་ཁུལ་ལ“ཀྲུང་གོའི་གེ་སར་རིག་གནས་ཀྱི་ཕ་ཡུལ”དང“ཀྲུང་གོའི་གེ་སར་རིག་གནས་ཞིབ་འཇུག་རྟེན་གཞི”ཞེས་པའི་མཚན་སྙན་གནང་།
གླུ་མ་སྒྲོན་པེ་ཡིས་གླུ་དབྱངས་ལེན་བཞིན་པ།
དགའ་སྟོན་བྱ་འགུལ་ཁྲོད། མགོ་ལོག་ཁུལ་གྱིས་གེ་སར་རིག་གནས་སྲུང་སྐྱོང་དང་རྒྱུད་འཛིན་བྱ་བའི་ཁྲོད་ཕུལ་དུ་བྱུང་བའི་ཚོགས་པ་དང་སྔོན་ཐོན་ལས་བྱེད་མི་སྣ།ཕུལ་བྱུང་དམངས་ཁྲོད་རྒྱུད་འཛིན་མཁན་བཅས་ལ་གཟེངས་བསྟོད་བྱས། །
ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།












