 |
སྒྲུང་བ་ཚེ་རིང་དབང་འདུས། |
| རྩོམ་པ་པོ། |
ངེད་དྲ་བ། |
| རྩོམ་སྒྲིག་པ། |
དབང་ཆེན་ཚེ་རིང་། |
| ཡོངས་ཁུངས། |
ཀྲུང་གོའི་གླིང་སྒྲུང་ཞིབ་འཇུག་དྲ་བ། |
| དུས་ཚོད། |
2009-4-24 |
| >>རྩོམ་ཡོངས་ཀློག་པ། |
སྒྲུང་པ་གྲགས་ཅན་ཚེ་རིང་དབང་འདུས་ནི་མཚོ་ནུབ་ཁུལ་གོར་མོ་གྲོང་ཁྱེར་གདང་ལ་ཞང་གི་རུ་ཁག་གཉིས་པའི་ཡིན།1986ལོར་མཚོ་སྔོན་པོའི་འགྲམ་དུ་བསྡུས་པའི་མཚོ་སྔོན་ཞིང་ཆེན་གྱི་དམངས་ཁྲོད་སྒྲུང་བཤད་ཚོགས་འདུ་ཐེངས་དང་པོའི་སྟེང་གདན་ཞུ་བྱས་པ་དང་སྒྲུང་བཤད་འགྲན་བསྡུར་བརྒྱུད་ནས་བྱ་དགའ་ཨང་དང་པོ་ཐོབ་ལ།སྒྲུང་པའི་མཚན་སྙན་ཡང་སྐབས་དེ་ནས་བཟུང་སླར་ཡང་དར།ལོ་དེ་ནས་བཟུང་མཚོ་སྔོན་ཞིང་ཆེན་གེན་སེར་སྒྲུང་ཞིང་འཇུག་ཁང་གིས་ཁོང་གདན་འདྲེན་ཞུས་ནས་སྒྲུང་བཤད་དུ་བཅུག ༡ཚེ་རིང་དབང་འདུས་ཀྱི་སྒྲུང་གི་ཁྱད་ཆོས། 1989ལོར་པེ་ཅིན་དང་ཁྲིན་ཏུའུ་སོགས་གྲོང་ཁྱེར་དུ་འཚོགས་པའི་རྒྱལ་སྤྱི་གེ་སར་རིག་གཞུང་གྲོས་ཚོགས་དང་པོ་དང་ངོ་མཚར་ཅན་གྱི་སྒྲུང་པར་མཚན་སྙན་གནང་བའི་ཚོགས་ཆེན་བཅས་ཚོགས་འདུ་ཆེ་ཆུང་མང་པོར་ཁོང་ཕེབས་པར་སྒྲུང་བཤད་པ་དང་མཚམས་སྦྱོར་བྱས་པ་བརྒྱུད་ནས་རྒྱལ་ཁབ་ཕྱི་ནང་གི་མཁས་པ་རྣམས་ཀྱི་མིག་མཐོང་དང་རྣ་ཐོས་སུ་གྱུར་པར་མ་ཟད།ཁོང་གིས་བཤད་པའི་ཁ་སྒྲུང་ནི་བརྒྱུད་རིམ་ལྡན་ཞིང་བརྗོད་དོན་ཆ་ཚང་ལ་རྗོད་ཚིག་སྙན་ཞིང་ཡིད་འགུག་གི་ནུས་པ་ལྡན་པ།རིག་གཞུང་གི་རིན་ཐང་དང་རྩོམ་རིག་གི་རིན་ཐང་མཐོན་པོ་ཡོད་པ་མཐོང་བས།ཁོང་ནི་རྒྱལ་ཁབ་ཀྱི་གཅེས་ནོར་ཞིག་རེད་ཅེས་གདེང་འཇོག་གནང་བ་དང་།དེ་མིན་འབྲེལ་ཡོད་གོང་རིམ་ལས་ཁུངས་དང་འགོ་ཁྲིད་པའི་གཟིགས་སྐྱོང་འོག 1990ལོར་ཀྲུང་གོའི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་ལྷག་ཚོགས་མཚོ་སྔོན་ཡན་ལག་ཚོགས་པའི་རྒྱུན་ལས་ཨུ་ཡོན་དང་།མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་པ་དང་།1990ལོར་ཁོང་རང་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣའི་གྲས་སུ་བླངས་ཏེ་མཐོ་རིམ་ལག་རྩལ་པའི་ཐོབ་ཐང་ཡང་གནང་བ་དང་།2003ལོར་དམངས་ཁྲོད་རྩོམ་རིག་ཚོགས་པའི་མཚན་འཛིན་ཀྲུའུ་ཞིར་ཡང་བདམས་པ་རེད། ༢ ཚེ་རིང་དབང་འདུས་ཀྱིས་བཤད་ཤེས་པའི་སྒྲུང་དཔེ། ཚེ་རིང་དབང་འདུས་ལགས་ཀྱིས་བཤད་ཤེས་པའི་གེ་སར་སྒྲུང་ནི«ལྷ་གླིང་གབ་ཙེ་དགུ་སྐོར»«འགོག་གླིང་གཡུལ་འགྱེད»«ཞང་ཞང་མུ་ཏིག་རྫོང»«ཨ་སྟག་ཤར་རྫོང»སོགས་སྒྲུང་སྣ་མི་གཅིག་པ120ལྷག་ཡོད།། |
རྩོམ་གོང་མ། 没有信息了! རྩོམ་ཞོལ་མ། 没有信息了!