རྩོམ་གསར།
- རང་རྒྱལ་གྱི་གེ་སར་སྒྲུང་གི་བྲོ་གར་ཆེན་མོ་ཐོག་མ་དངོས་སུ་ལེགས་འགྲུབ་བྱུང་བ།
- སྒྲུང་བ་ཟླ་བ་གྲགས་པ།
- མཚོ་སྔོན་ཞིང་ཆེན《གེ་སར་སྒྲུང》མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཟི་ལིང་ནས་བསྡུས།
- སྒྲུང་བ་བསམ་གྲུབ།
- བུད་མེད་སྒྲུང་བ་གཡུ་སྨན།
- མཚོ་ལྷོ་ཁུལ་གྱིས《གེ་སར་སྒྲུང》གི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་པ།
- གླིང་སྒྲུང་ལས་བྱུང་བའི་མདའ་གཞུའི་སྐོར་ལ་དཔྱད་པ།
- མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སྐབས་དང་བོའི་གླིང་སྒྲུང་ཆེད་ལས་ཀྱི་ཞིབ་འཇུག་སློབ་མའི་དཔྱད་རྩོམ་བགྲོ་གླེང་ཟི་ལིང་དུ་བསྡུས་པ།
མདུན་ངོས།-->> གྲུབ་འབྲས།
དམངས་རྩོམ་གྱི་གོ་དོན་དང་རིན་ཐང་ལ་སྦྲེལ་ཏེ་གེ་སར་སྒྲུང་ལ་དཔྱད་པ།༡
|གཅིག དམངས་རྩོམ་གྱི་གོ་དོན་དང་ཁྱབ་ཁོངས་ལ་སྦྲེལ་ནས་གླིང་སྒྲུང་གི་གོ་དོན་བཤད་པ།
ཀ དམངས་རྩོམ་གོ་དོན་གྱི་སྔོན་འགྲོ་སྟེ། “དམངས”ཞེས་པའི་གོ་དོན་ཐད་ཀྱི་གནད་དོན་འདི་དམངས་ཁྲོད་རྩོམ་རིག་དང་དམངས་སྲོལ་གང་ལའང་འབྲེལ་བ་ཧ་ཅང་ཟབ། དུས་རབས་སོ་སོ་དང་མི་རིགས་མི་འདྲ་བའི་སྤྱི་ཚོགས་དང་གྲལ་རིམ་ཁྱད་པར་གྱིས“དམངས”ལ་ངོས་འཛིན་སྟངས་ཀྱང་མི་འདྲ་བས་མཁས་པ་མང་པོས་རང་རང་གི་འདོད་ཚུལ་ཡང་མི་འདྲ་བ་མང་པོ་གསུངས་ཡོད།“དེ་བས་ང་ཚོས་དམངས་ཁྲོད“民间”དང“དམངས་ཚོགས”“民众”ཡང་ན“དམངས”“民”ཀྱི་གོ་དོན་རགས་ཙམ་ཤེས་དགོས་ཏེ། འདི་དག་ནི་ནང་དོན་ཉེས་ཤིང་སྤྱོད་སྒོ་སོ་སོ་ཡིན་པའི་སྐད་ཆའི་མཚོན་བྱེད་ཕུངས་བོ་ཞིག་རེད། དུས་རབས་ཉི་ཤུ་བའི་རྗེས་མའི་སྐབས་སུ་ཀྲུང་གོའི་རིག་པ་སྨྲ་བ་རྣམས་ཀྱིས་དམངས་ཁྲོད་རྩོམ་རིགས་བཤད་སྐབས“མི་དམངས”“人民”སམ“མང་ཚོགས”“群众”ཞེས་པའི་ཡི་གེ་དག་བཀོད་ལ། སྐབས་དེར་མིང་འདི་གཉིས་ལ་ཆབ་སྲིད་ཀྱི་ནང་དོན་ཁྱད་པར་བ་སྟེ་གཞི་རིམ་གྱི་མི་ཞེས་པའི་ནང་དོན་གྱི་ཚོད་འཛིན་ཐེབས་ཡོད། དེང་སྐབས་ཕལ་ཆེར་ནང་དོན་གྱི་ཁྱབ་ཁོངས་ཆེ་རུ་ཟིན་ཐུབ་པའི“དམངས་ཚོགས”“民众”འདི་བཀོད་ཅིང་། སྐད་ཆའི་ཁོར་ཡུག“语言环境”གི་རེ་བ་ལྟར“དམངས་ཁྲོད”དང“དམངས”ཀྱི་བརྗོད་སྟངས་ཀྱང་སྤྱོད་བཞིན་ཡོད། ཅི་ཞིག་ལ“དམངས་ཁྲོད”ཟེར་བའི་གནད་དོན། འདིའང་དམངས་སྲོལ་རིག་པའི“དམངས”ལ་འབྲེལ་བ་ཡོད་དེ། མིའི་རིགས་ཀྱིས་དཔལ་ཡོན་རིག་གནས་ངེས་ཟིན་དང་སྤྱི་ཚོགས་འཚོ་བའི་འཕེལ་འགྱུར་དབང་གིས་ནུབ་གླིང་དམངས་སྲོལ་རིག་པའི་ལོ་རྒྱུས་སྟེང“དམངས”ཞེས་པར་གོ་བ་དོག་པ་ནས་ཡངས་པའི་འཕེལ་འགྱུར་བརྒྱུད་རིམ་ཡོད། 1846ལོར་དབྱིན་ཇིའི་གནའ་རྫས་རྟོག་དཔྱོད་པ་དང་དམངས་སྲོལ་རིག་པར་ཞིབ་འཇུག་བྱེད་མཁན་ཐོག་མ་བས་ལེན·ཡོ་ཧན·ཐིང་མོ་ཟི“威廉·约翰·汤姆斯1803—1885”ཞེས་པའི་འཕྲིན<<ཡ་ཏེན་ནའི་གླེང་མོལ“雅典娜论坛”>>སྟེང་ཐོག་དང་པོར“Folkore”ཚིག་དེ་སྤྱད་ཅིང་། དམངས་སྲོལ་ཞེས་པ་དེ“མི་བྱིངས་ཀྱི་གནའ་སྲོལ”“大众古俗 popular antiquities”སྟེ་གནའ་བོའི་ཀུན་སྤྱོད་ལམ་ལུགས། གོམས་སྲོལ། མཛད་སྒོ་སྤེལ་བ། ཆོ་ག་ཕྱག་ལེན། དོན་བརྗོད་ཀྱི་གླུ་གཏམ་དཔེ་སོགས་འདུས་ལ། ཁོས་བཤད་པའི“དམངས”ཀྱང་མི་བྱིངས་ཀྱི་དམངས་སྲོལ་ཅན་གྱི་གཞི་རིམ“དམངས་ཚོགས”“the people”ལ་གོ་དགོས་པར་བཤད། ནུབ་ཕྱོགས་སྟོབས་ལྡན་རྒྱལ་ཁབ་ཀྱིས་འཛམ་གླིང་ནང་ཁུལ་དུ་མི་སེར་སྤེལ་ཡུལ་བཙུགས་པས། མིའི་རིག་པར་ཞིབ་འཇུག་བྱེད་མཁན་མང་པོའི་དམིགས་བྱ་གཙོ་བོ་ཡོ་རོབ་གླིང་ལས་གཞན་པའི་འཕེལ་རྒྱས་དལ་བའི“མི་རྒོད”“野蛮人”སྟེང་ཁོ་ནར་འཁོར་ཞིང་། དེ་བས་མིའི་རིགས་རིག་པའི་གྲུབ་མཐའི་དམངས་སྲོལ་རིག་པ་བ་དག་གིས“དམངས”ནི་གཞི་རིམ་གྱི་དམངས“counthy folk”དང་མཐའ་འཁོབས་མི་རྒོད་ཞེས་པར་གོ དེང་སྐབས་དེང་རབས་སྤྱི་ཚོགས་འཕེལ་རྒྱས་ཀྱི་དབང་གིས་གནའ་སྲོལ་ཅན་གྱི་གཞི་རིམ་དམངས་ཀྱང་གྲོང་རྡལ་ནས་གྲོང་ཁྱེར་ལ་འདྲེས་ཤིང་ཉིན་རེ་བཞིན་ཇེ་ཉུང་ཡིན། དེ་ཡི་དབང་གིས་རྒྱལ་ཁབ་ལ་ལའི་དམངས་སྲོལ་ཞིབ་འཇུག་པ་དག་གི་ཞིབ་འཇུག་ཁ་ཕྱོགས་ཀྱང་གཞི་རིམ་དམངས་ལས་བརྒལ་ཏེ་གྲོང་ཁྱེར་ན་འཚོ་བ་རོལ་བའི་མིའི་སྟེང་འཁོར་བ་ཡིན། ཨ་རིའི་ཡུན་ཏུས་ཨན་ན་སློབ་ཆེན་གྱི་ལིས་ཚ་ཏུག·དོ་འེར་ཟོང“理查德·多尔 Rechard M.Dorson”གི་ལྟ་བ་ལྟར་ན“དམངས”ནི་སྲོལ་རྒྱུན་ལ་ཐག་ཉེ་བའི་མང་ཚོགས་ཀྱི་མིང་གཞན་པ(anonymous masses)གཞི་རིམ་གྱི་མི་དང་གྲོང་ཁྱེར་གྱི་མི་སྐོར་ཞིག གྲོང་ཁྱེར་ལ་གསར་དུ་ཞུགས་པའི་གཞི་རིམ་གྱི་མི་དང་དེའི་རྗེས་རབས་པ་ལ་ཟེར་པས“དམངས”ཞེས་པའི་ཁྱབས་ཁོངས་དེ་གྲོང་ཁྱེར་གྱི་མིའི་སྟེང་རྒྱ་སྐྱེད་པ་རེད། ཡིན་ཡང་གྲོང་ཁྱེར་གྱི་མི་ཡོངས་རྫོགས་མིན་པའི་ཚོད་འཛིན་ཞིག་ཐེབས་ཡོད། ཨ་རིའི་ཅ་ལེ་ཧྥོ་སློབ་ཆེན་གྱི་ཨ་ལན·ཏུན་ཏིས་ཟུ“阿兰·邓迪斯 Alan Dundes”ཡིས“དམངས”ཀྱི་ཁྱབ་ཁོངས་ནི་ཧ་ཅང་རྒྱ་ཆེ་བ་སྟེ། མི་གང་རུང་ཞིག་གིས་གྲུབ་པའི་ཚོགས་པ་གང་རུང་ཞིག་སྟེ། མ་མཐའ་ཡང་ཐུན་མོང་རང་བཞིན་ལྡན་ཞིང་རང་གི་སྲོལ་རྒྱུན་ཡོད་པ། དཔེར་ན། བཟོ་བ། ཆོས་གྲོགས། དམག དགེ་རྒན། སློབ་མ། ཚན་རིག་པ་སོགས། ཁོའི་གཏན་འཁེལ་ལྟར་ན་སྲིད་གཞུང་སྲིད་གཉེར་བའི་ཚོགས་སྤྱི་ཡང“དམངས”སུ་འདུས་ཡོད།
ཡིན་ཡང་ཁོའི་འདི་ལྟ་བུའི་དཔེ་བཞག་མེད“ ཁོས“དམངས”ཀྱི་ཚད་གཞི་འདི་ལྟ་བུར་མཚོན་ན་དེང་རབས་སྤྱི་ཚོགས་ལ་སྤྱད་ན་ཧ་ཅང་འཐུས། འོན་ཀྱང་ཟུར་གང་རུང་ཞིག་གི་ཚོད་འཛིན་མེད་པར“དམངས”ཀྱི་གོ་བ་འདི་ལྟ་བུས་དམངས་སྲོལ་ལ་ཞིབ་འཇུག་བྱས་ན་སྲོལ་རྒྱུན་གྱི་དམངས་སྲོལ་གོ་དོན་དང་ངོ་བོའི་སྟེང་ནས་ཁྱད་པར་ཡོད། ཡིན་ན་ཡང་དོན་དངོས་སྟེང་ཁོའི་དམངས་སྲོལ་སྣང་ཚུལ་གྱི་འབྲེལ་ཡོད་ཞིབ་ཐོ་དང་ཡིག་ཆ། རྩ་བའི་དཔེ་བརྗོད་བཅས་ཀྱི་ནང་དོན་ལས་སྲོལ་རྒྱུན་རྣམ་པའི“སྲོལ”དེ་སྟོན་བཞིན་ཡོད། གང་ལྟར་ཡང“དམངས་ཁྲོད་རྩོམ་རིག”ཅེས་པའི་ཐ་སྙད་འདི་ནི་དམངས་སྲོལ་རིག་པ་དང་འབྲེལ་བ་དམ་ཞིང་། ཡང་ན་དམངས་སྲོལ་རིག་པ་ལས་འཕེལ་འགྱུར་བྱུང་བ་ཞིག་རེད་ཅེས་བརྗོད་ནའང་མི་ཆོག་པ་མེད་དོ། །གོང་ནས་བཤད་པ་ལྟར“དམངས་སྲོལ་རིག་པ”ཞེས་པ་དབྱིན་ཇིའི་མིང་དུ“Folklore”ཞེས་པ་སྟེ“མང་ཚོགས་ཀྱི་ཤེས་རིག”“The learning of the people”ཅེས་པའི་དོན་དུ་གསུངས་ཤིང་། འདིའི་གསར་གཏོད་པ་ནི་དབྱིན་ཇིའི་ཝེ་ལན·ཐང་མོའུ་ཟི་ཟེར་བ་དེ་རེད། ཐ་སྙད་འདི་དུས་རབས་བཅུ་དགུ་བའི་ལོ་རབས་བདུན་ཅུའི་བའི་ནང་ཡོ་རབ་ནུབ་མའི“西欧”རྒྱལ་ཁབ་སོགས་སུ་བཀོལ་སྤྱོད་བྱས་སོ། །གཞན་དམངས་སྲོལ་རིག་པའི་རིག་ཚན་གསར་གཏོད་མཁན། ཏིག་གོའི་གི་ལེན་ཞོན་དུས“格林兄弟 jacob and wilhelm Ghimm”ལྟར་ན“དམངས”ནི་མི་རིགས་ལ་གོ། ཡུས་ཏིས་འེར་ཁེ་མའོ“以迪尔凯姆 Emile Dunkheim”ཡིས་ཚབ་བྱེད་ཐུབ་པའི་རིག་གཞུང་པ་མང་ཤོས་ཀྱིས“དམངས”ཞེས་པ“སྤྱི་ཚོགས་ཀྱི་ཚོགས་པ”ཞེས་པར་འགྲེལ་དགོས་པར་བཤད། ལ་ལས“དམངས”ནི་གནའ་མི་ལ་གོ་དགོས་པར་བཤད། ཡང་ལ་ལས“དམངས”ནི“ཞིང་བ”དང་ཡང་ན“ཡིག་རྨོངས་བར”གོ་དགོས་པར་བཤད། དུས་རབས་ཉི་ཤི་བའི་དཀྱིལ་མཇུག་ལ་དེང་སྐབས་ཨ་རིའི་དམངས་སྲོལ་རིག་པ་བ་ཏུན་ཏེ་ཟི་ཡིས“དམངས”མི་གང་རུང་ཞིག་སྟེ“དམངས་ཡོངས”ལ་གོ་དགོས་པ་སོགས་ཀྱི་ལྟ་བ་སོགས་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་བྱུང་། དེ་བས་ང་ཚོས“དམངས”ཞེས་པའི་གོ་དོན་དེ་དམངས་ཡོངས་དང་མིའི་རིགས་ཡོད་ཚད་ཅེས་པར་གཏན་འཁེལ་བྱས་ན་ལེགས་སོ། །
ང་ཚོའི་ཀྲུང་གོར་མཚོན་ན། དམངས་སྲོལ་རིག་པའི་འགུལ་སྐྱོད“运动”ཀྱི“ལྔ་བཞི”པེ་ཅིན་སློབ་ཆེན་དང་ཀྲུང་ཧྲན་སློབ་ཆེན་གྱི་དུས་སྐབས་སུ། ཕྱུག་བདག་དང་སྐུ་དྲག་ལ་བལྟས་འཇོག་གིས“དམངས”“དམངས་ཕལ་བ”འམ“དམངས་ཚོགས”སྟེ་དམའ་རིམ་དམངས་ཕལ་བ་ལ་གོ་ཞིང་། རྒྱལ་ཁབ་བཙུགས་རྗེས་ཀྱི་དུས་སྐབས་ཁ་ཤས་སུ“དམངས”ལ་གཟབ་ནན་གྱི་གྲལ་རིམ་ལྟ་བ་ཡོད་དེ། དེའི་བསྟན་བྱ་ནི“མི་དམངས”སམ“ངལ་རྩོལ་མི་དམངས”སྟེ། “གཅིག་གྱུར་ལ་ངོ་རྒོལ་བྱེད་མཁན”དང“བཤུ་གཞོག་གྲལ་རིམ”དང་བལྟས་འཇོག་གིས་ཞིང་བ་དང་བཟོ་བ་སོགས་ཐོན་སྐྱེད་བྱེད་མཁན་གཙོ་བོ་ཡིན་པའི་གསར་བརྗེས་རང་བཞིན་གྲལ་རིམ་ཚོགས་སྤྱི་ཞིག་ལ་གོ གང་ལྟར་ཡང་། རང་རྒྱལ་དུ་ལྔ་བཞིའི་རིག་གནས་གསར་བའི་འགུལ་སྐྱོད་ཀྱི་རྗེས་སུ“དམངས་སྲོལ་རིག་པ”ནི་རང་རྐྱ་ཕེར་བའི་རིག་གཞུང་ཞིབ་འཇུག་ཏུ་རྐང་ཚུགས་ཤིང་མཁས་པ་མང་པོས་དོ་སྣང་བྱས། ཀྲུང་གོའི་དམངས་སྲོལ་རིག་པའི་ཞིབ་འཇུག་ནི་དང་ཐོག་དམངས་ཁྲོད་རྩོམ་རིག་ལས་མགོ་བརྩམས་པ་སྟེ། 1920ལོར་པེ་ཅིན་སློབ་གྲྭ་ཆེན་མོར࿎གླུ་ཞིབ་འཇུག་ཚོགས་པ࿎ཞིག་བཙུགས་ཤིང་། 1922ལོར་དེའི་སྐོར་གྱི་དུས་དེབ་ཅིག་གསར་དུ་བསྐྲུན། རྒྱལ་ཁབ་ཚུགས་རྗེས་ཀྱི་ལོ་རབས་ལྔ་བཅུ་བར་དམངས་ཁྲོད་རྩོམ་རིག་ལ࿎མི་དམངས་ཀྱི་ངག་ཐོག་གསར་གཏོད࿎ཅེས་པའི་མིང་བཏགས་ཏེ་སློབ་གྲྭ་ཆེན་མོ་སོ་སོའི་རྩོམ་རིག་ཆེད་གཉེར་གྱི་སློབ་གཞིར་བཞག ཀྲུང་གོའི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་ལྷན་ཚོགས་ཀྱིས<<དམངས་ཁྲོད་རྩོམ་རིག>>ཅེས་པའི་དུས་དེབ་གསར་སྐྲུན་བྱས་རྗེས་རང་རྒྱལ་དུ“དམངས་ཁྲོད་རྩོམ་རིག”ཅེས་པའི་ཐ་སྙད་འདི་གཏན་འཇགས་སུ་གྱུར་བ་ཡིན། སྐབས་དེ་ནས་ཀྲུང་གོ་བས་དམངས་ཁྲོད་རྩོམ་རིག་ནི་མི་དམངས་མང་ཚོགས་ཀྱིས་དུས་རྒྱུན་འཚོ་བའི་ཁྲོད་གསར་སྐྲུན་དང་བརྒྱུད་སྤྲོད་བྱེད་བཞིན་པའི་ངག་ཐོག་རྩོམ་རིག་ཅིག་ལ་གོའོ། །
དམངས་ཁྲོད་རྩོམ་རིག་གི་གོ་དོན་ཆ་ཚང་བར་བཤད་ན་འདི་ལྟ་སྟེ། ཡི་གེ་མི་ཤེས་ཤིང་རིག་གནས་དང་བསམ་བློའི་ཆུ་ཚད་ཅུང་ཙམ་དམའ་བའི་ངལ་རྩོལ་མི་དམངས་ཀྱིས་ཐོན་སྐྱེད་ངལ་རྩོལ་དང་། རང་བྱུང་ཁམས་ཀྱི་འཐབ་རྩོད་ཁྲོད་ངག་ཐོག་ནས་གསར་གཏོད་བྱས་ཏེ་དམངས་ཁྲོད་དུ་དར་ཞིང་། དེ་ནས་བརྒྱུད་པའི་གཏན་འཇགས་རང་བཞིན་ལྡན་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་ལ། འདི་ལ་ཁ་རྒྱུན་རྩོམ་རིག་དང་ངག་རྒྱུན་རྩོམ་རིག ངག་ཐོག་རྩོམ་རིག་ཅེས་པའི་འབོད་སྲོལ་ཡོད་ཀྱང་ཕལ་ཆེར་འདྲ། ཕྱོགས་སྡོམ་གྱི་ཚུལ་དུ་བཤད་ན་འདི་ལྟ་སྟེ། རྒྱ་ཆེ་བའི་མང་ཚོགས་ཀྱིས་ཐུན་མོང་གིས་གསར་རྩོམ་བྱས་ཤིང་ངག་ཐོག་ནས་བརྒྱུད་སྤྲོད་བྱེད་པའི་རྩོམ་རིག་བརྩམས་ཆོས་ལ་ཟེར་རོ།
དམངས་ཁྲོད་རྩོམ་རིག་བཤད་སྐབས་ང་ཚོའི་ཡིད་ལ་ཐོག་མར་འཁོར་འོང་བ་ནི་ཆུང་དུས་ནས་གོ་མྱོང་བའི་གནའ་གཏམ་དང་ཁེལ། གཉེན་སྟོན་སོགས་སུ་ལེན་པའི་གླུ་དང་སྟོན་བཤད། དེ་ལས་གཞན་འཛམ་གླིང་གེ་གསར་རྒྱལ་པོའི་སྒྲུང་དང་ཕྱུགས་རྫི་ནས་ལེན་པའི་རི་གླུ་ལ་གཞས་ཡིན། དེའི་རྒྱུ་མཚན་ནི་དམངས་ཁྲོད་རྩོམ་རིག་འདི་དག་གིས་ང་ཚོའི་མཚར་ལོང་བྱུང་བར་སྐུལ་འདེད་དང་དགའ་ཁ་འཁྱེར་ཕྱོགས་ལ་ནུས་པ་གལ་ཆེན་ཐོན་ཡོད་པས་ཡིན་ལ། ང་ཚོའི་མི་ཚེ་གང་བོར་དེ་ལ་དགའ་མོས་ཡོད་པ་དང་ང་ཚོ་ལ་མཛེས་སྡུག་གསུབ་མེད་ཀྱི་དྲན་ཤིང་ཞིག་བཞག་ཡོད། དེ་ནི་རི་རབས་དང་བདེ་ཐང་། རྒྱ་མཚོ་དང་གཙང་འགྲམ་གྱི་གཞི་རིམ་འབྲོག་སྡེ་དང་གྲོང་རྡལ་ཁོ་ན་རུ་དར་རྒྱུན་ཆེ་བ་ཞིག་མ་ཡིན་པར། ཧ་ཅང་འདུ་འཛི་ཆེ་བའི་དེང་རབས་གྲོང་ཁྱེར་ནའང་རྒྱུད་སྤེལ་བྱེད་བཞིན་ཡོད། དེའི་རྣམ་པ་ཡང་གཏམ་རྒྱུད་དང་ངག་རྒྱུན། བྱིས་གླུ་དང་བྱིས་སྒྲུང་། ལྷ་སྒྲུང་། ལོ་རྒྱུས་སྙན་རྩོམ་རིང་མོ། དུང་བརྗོད་སྙན་རྩོམ་རིང་མོ། གཏམ་དཔེ། ཁ་ཤགས། ཁེལ། ཟློས་གར་སོགས་མང་པོ་ཡོད། དེ་བས་གླིང་སྒྲུང་སོགས་དམངས་ཁྲོད་རྩོམ་རིག་ནི་ནང་དོན་ཟབ་ཅིང་ཕུན་སུམ་ཚོགས་པའི་མཚན་ཉིད་དང་མཚན་གཞི་ཅན་གྱི་རྩོམ་རིག་ཅིག་རེད་ཟེར་ཆོག
དམངས་རྩོམ་གྱི་ཁྱད་ཆོས་གཙོ་བོ་སྟེ། སྤྱིའི་སྟེང་ནས་བལྟས་ན་རྩོམ་པ་པོའི་རྩོམ་རིག་དང་དམངས་ཁྲོད་རྩོམ་རིག་གཉིས་རྩོམ་རིག་གི་རྣམ་པ་ཡིན་པ་གཅིག་འདྲ་རེད། དེ་གཉིས་ཀྱིས་ཕན་ཚུན་ལ་ཤན་ཤུགས་ཐེབས་བཞིན་ཡོད་པས་རྩོམ་རིག་ནོར་མཛོད་ཀྱི་རིན་ཆེན་རྣམ་གཉིས་རེད། རྩོམ་པ་པོའི་རྩོམ་རིག་དང་བསྡུར་ན་དམངས་ཁྲོད་རྩོམ་རིག་ལ་ཕྱོགས་ཡོངས་ནས་རང་ཉིད་ཀྱི་ཁྱད་ཆོས་ཡོད་དེ། དེ་དང་མི་འདྲ་སའང་ཧ་ཅང་མང་བས་དེ་རྣམ་པ་ཅི་འདྲ་ཞིག་གི་སྒོ་ནས་ཡོད་ཟེར་ན། ཐོག་དང་པོར་ང་ཚོས་ཤེས་རྒྱུ་ནི་དམངས་ཁྲོད་རྩོམ་རིག་ནི་རྩོམ་རིག་བརྩམས་ཆོས་ཤིག་ཡིན་པ་དང་ཁྱད་ཆོས་ལྡན་པའི་རྩོམ་རིག་སྒྱུ་རྩལ་གྱི་སྣང་ཚུལ་ཞིག་ཡིན་པ་དེ་ཡིན། སྤྱིར་བཤད་ན་དམངས་ཁྲོད་རྩོམ་རིག་ནི་བབ་ཆགས་ཁེར་གཙང“单纯朴素”གི་རྩོམ་རིག་རྣམ་པ་ཞིག་ཡིན་པས་དེས་ཁ་རྒྱུན་ནམ་ཁ་སྐད་ཀྱིས་མང་ཚོགས་ཀྱི་འཚོ་བ་དང་བསམ་བློའི་བརྩེ་དུང་། མང་ཚོགས་ཀྱི་མཛེས་རྟོག་ལྟ་བ་དང་སྒྱུ་རྩལ་སྤྲོ་སྣང་ཚུར་སྣང་བྱེད་པས། དེའི་བབ་ཆགས་ཁེར་གཙང་ནི་སླ་བཅོས་རྩིང་ལས་ཤིག་གཏན་ནས་མིན། དམངས་ཁྲོད་རྩོམ་རིག་ནི་སྒྲ་དབྱངས་དང་རྣམ་འགྱུར། སྟང་སྟབས་སོགས་ལ་བརྟེན་ནས་འཁྲབ་སྟོན་བྱེད་བཞིན་ཡོད་དེ། དེ་ནི་གསོན་ཤུགས་ལྡན་ལ་གཟུགས་སྣང་རང་བཞིན་གྱི་རྩོམ་རིག་སྒྱུ་རྩལ་ཅིག་ཡིན་ལ། བབ་ཆགས་ཀྱི་ཡིག་སྟེང་གི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་ནི་བྲོ་བ་མ་ཉམས་པའི་དངོས་པོ་གཉིས་པ་དེ་ཡིན། དེ་བས་དམངས་ཁྲོད་རྩོམ་རིག་དེ་ཁོར་ཡུག་ཁྱད་པར་བའི་ནང་གི་མང་ཚོགས་ཀྱི་འཚོ་བར་འོ་ཆུ་བཞིན་འདྲེས་ཡོད་པས་སྒྱུ་རྩལ་རྩོམ་རིག་གི་སྣང་ཚུལ་ལྡན་ནོ། །
གཉིས་ནས་དམངས་ཁྲོད་རྩོམ་རིག་ནི་མང་ཚོགས་ཀྱིས་གསར་བཟོ་བྱས་པ་ཞིག་རེད། བོད་ལ་ཡི་གེ་བྱུང་ནས་ད་ལྟའི་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་ལས་མ་འདས་ཤིང་། དེའི་སྔར་སྔོན་གྱི་ལོ་རྒྱུས་རིང་མོའི་ནང་བོད་ལ་ཐུན་མོང་གི་ཡི་གེ་མེད་པས་རྩོམ་རིག་གསར་རྩོམ་གྱི་བྱ་བ་དེ་ཕལ་ཆེར་ངལ་རྩོལ་མི་དམངས་ཀྱི་ངག་གི་རྩལ་ལ་རགས་ལས་ཤིང་། བོད་རིགས་མི་དམངས་ཀྱིས་ངག་རྩལ་ཁྱད་པར་བ་ལ་བརྟེན་ནས་ཐུན་མོང་གིས་ཆེས་ཕུན་སུམ་ཚོགས་པའི་དམངས་ཁྲོད་ངག་ཐོག་གི་རྩོམ་རིག་གསར་གཏོད་བྱས་པ་ཞིག་རེད་ལ། ཐུན་མོང་གི་གསར་རྩོམ་དེ་ལས་མི་དམངས་ཀྱི་སྤྱང་གྲུང་དང་ཤེས་རིག་མཚོན་པས་མི་མང་གིས་དགའ་བོ་བྱེད་པ་དང་། དེའི་རྒྱུན་མ་ཆད་པ་དང་ཉར་ཚགས་གང་བཟང་བྱས་ཡོད་དོ། །
གསུམ་ནས་དམངས་ཁྲོད་རྩོམ་རིག་ནི་ཚོགས་པ་སྤྱིས་གསར་སྐྲུན་དང་ངག་ནས་རྒྱུད་པའི་སྒྱུ་རྩལ་རྣམ་པ་ཞིག་སྟེ། དེ་གཉིས་ནི་དམངས་ཁྲོད་རྩོམ་རིག་གི་ཁྱད་ཆོས་གཙོ་བོ་གཉིས་ཡིན། དེ་ཡིས་དམངས་ཁྲོད་རྩོམ་རིག་གི་བསམ་བློའི་ནང་དོན་དང་སྒྱུ་རྩལ་རྣམ་པའི་རྩ་བའི་བཟོ་ལྟ་དང་ཁྱད་ཆོས་གཏན་འཁེལ་བྱས་ཤིང་། དམངས་ཁྲོད་རྩོམ་རིག་དང་རྩོམ་པ་པོའི་རྩོམ་རིག་བར་གྱི་ཆེ་གསལ་བའི་ཁྱད་པར་ཡང་དེ་ཡིས་འབྱེད་ཐུབ་བོ། །
གླིང་སྒྲུང་སྟེ་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་ཕྱོགས་མང་པོ་ནས་དཔའ་བོ་འཛམ་གླིང་གེ་སར་རྒྱལ་བོ་གཙོ་བྱས་པའི་གླིང་གི་དཔའ་རྟུལ་སུམ་ཅུའི་མཛད་རྗེ་གཙོ་བོ་སྟེ་ཕྱོགས་བཞིའི་དགྲ་བཞི་དང་རྫོང་ཆེན་བཅོ་བརྒྱད། རྫོང་ཕྲན་གྲངས་མེད་ཕབ་ཏེ། ནག་པོ་དགྲ་སྡེ་དཀར་པོ་ཆོས་ལ་བསྒྱུར་ཞིང་། རིན་ཆེན་གཏེར་སྒོ་མང་བོ་ཕྱེ་ནས་མི་དམངས་ལ་རིན་པོ་ཆེའི་དངོས་པོའི་བགོ་བསྐལ་ཐོབ་ཏེ་འབྱོར་ཕྱུག་གི་ལམ་ལ་བཅུག་པའི་བྱས་རྗེས་བརྗོད་བྱར་བྱས་ཏེ། བོད་མི་རིགས་ཐུན་མོང་གིས་གསར་སྐྲུན་གྱིས་ངག་ཐོག་ནས་བརྒྱུད་སྤེལ་བྱས་པའི་དོན་བརྗོད་སྙན་ངག་ཅིག་གམ། བོད་ཀྱི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་ཞིག་ཡིན་ལ། ད་ལྟ་ང་ཚོས་གླིང་སྒྲུང་ལ་རྣམ་གྲངས་ཉིས་བརྒྱ་ལྷག་ཅིག་ཡོད་པ་ནི། དུས་རབས་གཅིག་ལ་མཁས་པ་འགས་བརྩམས་པ་ཞིག་མིན་པར། དུས་ཡུན་རིང་བོའི་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ཁྲོད་དུ་བོད་མི་རབས་དུ་མའི་ཐུན་མོང་གི་བློ་གྲོས་རྩལ་ལ་བརྟེན་ནས་བརྩམས་ཤིང་འཐུས་ཚང་དུ་གྱུར་བ་དང་། སྒྲུང་བ་དང་དག་སྒྲིག་པ་དག་གི་ཁ་ལག་བརྒྱུད་དེ་འཕེལ་རྒྱས་བྱུང་བ་ཞིག་ཡིན་པས། འདི་ལ་དམངས་ཁྲོད་རྩོམ་རིག་གི་ངག་རྒྱུན་རང་བཞིན་དང་ཐུན་མོང་རང་བཞིན། མི་རིགས་རང་བཞིན་དང་གཞན་འགྱུར་རང་བཞིན་གྱི་ཁྱད་ཆོས་ཀྱང་ཀུན་ནས་འཛོམས་ཡོད། དེ་ལ་བོད་ཀྱི་རྩོམ་རིག་དང་ལོ་རྒྱུས། དམངས་སྲོལ། དམག་ཇུས། ཆོས་ལུགས། ཆབ་སྲིད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་ཞིག་ལྡན་ཡོད་པ་མ་ཟད། དུས་རབས་ད་ལྟའང་འཕེལ་རྒྱས་སུ་འགྲོ་བཞིན་པ་དང་ནང་དོན་དང་རྣམ་པ་གང་གི་སྟེང་ནས་ཀྱང་གསར་སྐྲུན་རང་བཞིན་ལྡན་པས་ཧ་ཅང་གསོན་ཤུགས་ལྡན་པ་ཞིག་ཡིན་ལ། གསོན་ཤུགས་ལྡན་པ་དེ་ལ་མི་རིགས་གཞན་གྱིས“说不完的故事”སྟེ་བཤད་ན་རྫོགས་རྒྱུ་མེད་པའི་གཏམ་རྒྱུད་དུའང་འབོད་བཞིན་ཡོད། འདིའི་རིང་ཐུང་གི་སྟེང་ནས་ཀྱང་རྒྱ་གར་གྱི་མ་ཧ་བྷ་ར་ཏ་དང་། ཧི་མས་བརྩམས་པའི་བྱུང་བརྗོད་སྙན་ངག་ལས་བརྒལ་བའི་བམ་གྲངས་དང་ཡིག་གྲངས་ཡོད་ལ། ད་ལྟའི་སྒྲུང་གྲངས་ལྟར་ན་ཡང་དཔེ་ཆ་ཉིས་བརྒྱ་ལྷག་ལས་བརྒལ་བས་འཛམ་གླིང་གི་ཆེས་རིང་བའི་དཔའ་བོའི་བྱུང་རབས་བརྗོད་པའི་སྙན་ངག་ལ་བརྩི་ཆོག་ཆོག་ཡིན། གླིང་སྒྲུང་གི་ཁྱབ་བརྒྱའི་སྟེང་ནས་བལྟས་ན་ཡང་བོད་རང་གཅིག་པུ་མིན་པར། རྒྱལ་ནང་གི་ཧོར་རིགས་དང་རྒྱ་རིགས། ཟ་ལར་དང་སོག་པོ་བཅས་སུ་ཁྱབ་པ་མ་ཟད། ས་གནས་བརྒལ་ནས་ཕྱི་སོགས་དང་ནང་སོག རྒྱལ་ཁབ་བརྒལ་ནས་འབྲུག་ཡུལ་དང་ཕྱི་སོག སྔོན་ཆད་ཀྱི་སུའུ་ལེན་སོགས་ལའང་དར་ཡོད་པས་སའི་གོ་ལའམ་འཛམ་གླིང་ཡོངས་སུ་ཁྱབ་པས་སྙན་གྲགས་སུམ་བརྩེན་གནས་སུ་སྙེག་བཞིན་ཡོད་ལ། འཛམ་གླིང་རྩོམ་རིག་ལོ་རྒྱུས་སུ་ནུབ་པ་མེད་པའི་དར་ཆ་ཆེན་པོ་བསྒྲེང་ཡོད་པ་མ་ཟད། མེད་དུ་མི་རུང་བའི་མུ་ཏིག་ལྡོག་གཅིག་ཏུ་གྲུབ་པ་ནི། འཛམ་གླིང་གེ་སར་རྒྱལ་པོར་དད་འདུན་ཆེ་ཞིང་། གླིང་སྒྲུང་ལ་དགའ་མོས་ཡོད་པའི་ང་ཚོའི་དགའ་འོས་པའི་གཟི་བརྗིད་ཀྱི་བྱ་བ་ཞིག་གོ །
ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།












